山南市人民政府
今天是: 2018年9月10日 星期一
当前位置: 首页>政务公开 > 信息公开目录
索引号: 000014349/2022-00007
文号:
发布机构: 洛扎县人民政府办公室(行政审批和便民服务局)
主题分类: 综合政务
组配分类: 通知公告
发文日期: 2022-10-27 12:06

洛扎县农牧民“助企惠民·城乡共促·享购洛扎”促消费活动公告

时间: 2022-10-27


为贯彻落实《山南市关于稳定市场主体推动复工复产的十项措施》要求,助力全县正常复工复产的中小微企业和个体工商户经困解难,市、县政府按1:1配套资金投入188.66万元,向全县户籍人口(不包含党政机关、事业单位、国有企业公职人员,及其为户主的家庭成员)发放消费券,开展“助企惠民·城乡共促·享购洛扎”促进消费活动。

一、活动时间

2022年11月1日开始,2022年12月30日结束。

二、消费券发放对象

洛扎县户籍人口(不包含党政机关、事业单位、国有企业公职人员,及其为户主的家庭成员),以各乡(镇)所报数据为基准,按照每人100元抵扣券的标准发放消费券。

请广大农牧民群众于2022年12月15日之前完成消费。

三、抵扣券使用范围及具备条件

本券支持在本县注册,有营业执照且正常经营的餐饮、百货、家具家电、蔬菜瓜果、美容美发、肉类和民族手工艺品、特色农特产品、住宿等领域个体工商户、企业(合作社)均可使用。

请参与活动的个体工商户、企业(合作社)于10月30日之前到所在乡(镇)或者县商务局报名,并提交营业执照复印件、经营许可证复印件、法人身份证复印件、信用信息佐证材料等进行审核。

四、消费券使用规则

本消费券采取抵扣方式使用,不能直接购物或者换取现金。即:每人满80元减20元消费券1张、满100元减30元消费券1张、满120元减50元消费券1张。消费券可叠加使用。

五、消费券的结算时间和方式

活动结束后,各符合条件的企业(合作社)、个体商户将抵扣回来的消费券原件、营业执照复印件、法人身份证复印件、对公账号等材料拿到县商务局进行初审,并填消费券资金兑现表,最后由商务局、财政局负责兑现资金。

注意:各个体商户、企业(合作社)于2022年12月20日之前完成上报工作,逾期一律不收回。

六、其他事项说明

1.本次参与活动个体工商户、企业(合作社)要遵循公平、公正、诚信原则,维护市场竞争秩序和社会公共秩序,维护消费者合法权益。

2.坚决杜绝参与企业(合作社)、个体工商户借机涨价等不诚信经营行为,实行明码标价,切实做到依法经营、依规促销,让消费者得到实惠。

3.参与企业如虚假交易、刷单、套现、欺诈行为等,主办方将有权取消用户参与活动资格,并有权收回用户获得的补贴。列入我县促消费活动黑名单移交执法部门处理。

ལྷོ་བྲག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི"ཁེ་སྐྱོར་དམངས་ཕན་དང་ཤང་གྲོང་མཉམ་སྐུལ། ལྷོ་བྲག་གི་ཉོ་སྒྲུབ་"ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་སྤྱི་བསྒྲགས།

ཁྲོམ་རའི་གཙོ་ནུས་བརྟན་དུ་བཏང་ཏེ་ཐོན་ལས་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་བའི་ལྷོ་ཁ་གྲོང་ཁྱེར་གྱི་བྱ་ཐབས་ཁག་བཅུའི》བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། རྫོང་ཡོངས་ཀྱི་རྒྱུན་གཏན་གྱི་ཐོན་ལས་བསྐྱར་ཚུགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་ཚོང་དུད་ལ་དཀའ་ངལ་འཕྲད་སྐབས་རོགས་སྐྱོར་བྱ་ཆེད། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་བསྡུར་ཚད་1:1ཀྱི་ལེ་ལག་མ་དངུལ་སྒོར་ཁྲི་188.66བཏང་ནས་རྫོང་ཡོངས་ཀྱི་ལྷོ་བྲག་གི་ཐེམ་ཐོ་ཡིན་པའི་མིར(ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱི་ལས་བྱེད་མི་སྣ་དང་དེ་དག་ཐེམ་བདག་ཡིན་པའི་ཁྱིམ་ཚང་ཁོངས་མི་ཚུད་མེད)འཛད་སྤྱོད་འཛིན་ཤོག་སྤྲད་ནས"ཁེ་སྐྱོར་དམངས་ཕན་དང་ཤང་གྲོང་མཉམ་སྐུལ། ལྷོ་བྲག་གི་ཉོ་སྒྲུབ་"ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན།

དང་པོ། བྱེད་སྒོའི་དུས་ཚོད།

སྤྱི་ལོ་2022ལོའི་ཟླ་11པའི་ཚེས་1ཉིན་ནས་འགོ་འཛུགས་རྒྱུ་དང་།

སྤྱི་ལོ་2022ལོའི་ཟླ་12པའི་ཚེས་30ཉིན་མཇུག་སྒྲིལ་རྒྱུ་ཡིན།

གཉིས་པ། འཛད་སྤྱོད་འཛིན་ཤོག་སྤྲོད་ཡུལ།

རྫོང་ཡོངས་ཀྱི་ལྷོ་བྲག་གི་ཐེམ་ཐོ་ཡིན་པའི་མིར(ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱི་ལས་བྱེད་མི་སྣ་དང་དེ་དག་ཐེམ་བདག་ཡིན་པའི་ཁྱིམ་ཚང་ཁོངས་མི་ཚུད་མེད)སྤྲོད་རྒྱུ་ཡིན། དེ་ནི་ཤང་(གྲོང་རྡལ་)གིས་ཐོ་འགོད་བྱས་པའི་གྲངས་གཞིར་གཞི་འཛིན་ནས་དོན་འཁྱོལ་བྱ་རྒྱུ་དང་། མི་རེར་སྒོར་100ཡི་ཚད་གཞི་ལྟར་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ།

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་སྤྱི་ལོ་2022ལོའི་ཟླ་12ཚེས་15ཉིན་གྱི་སྔོན་ནས་བེད་སྤྱོད་བཏང་ཚར་བ་དགོས།

གསུམ་པ། འཛད་སྤྱོད་འཛིན་ཤོག་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་དང་ཚང་དགོས་པའི་ཆ་རྐྱེན།

འཛིན་ཤོག་འདི་རྫོང་དེ་ག་རང་དུ་ཐོ་འགོད་བྱས་ནས་ལས་གཉེར་ལག་ཁྱེར་ཡོད་པ་མ་ཟད། རྒྱུན་གཏན་ལྟར་ཚོང་གཉེར་བྱེད་པའི་བཟའ་བཏུང་དང་བརྒྱ་ཟོག ཁྱིམ་ཆས་དང་གློག་ཆས། སྔོ་ཚལ། ཤིང་ཏོག མཛེས་བཟོ་དང་སྐྲ་བཞར་ཁང་། ཤ་རིགས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། ཁྱད་ལྡན་ཞིང་ལས་ཐོན་རྫས། ཞག་སྡོད་སོགས་ཁྱབ་ཁོངས་ཀྱི་ཁེར་རྐྱང་བཟོ་ཚོང་ཚོང་དུད་དང་། ཁེ་ལས(མཉམ་ལས་ཁང་)བཅས་ཚང་མར་བེད་སྤྱོད་བཏང་ཆོག

བྱེད་སྒོར་ཞུགས་མཁན་གྱི་ཁེར་རྐྱང་བཟོ་ཚོང་ཚོང་དུད་དང་། ཁེ་ལས(མཉམ་ལས་ཁང་)ཀྱིས་ཟླ་10ཚེས་30ཉིན་གྱི་སྔོན་ནས་ས་གནས་དེ་གའི་ཤང་གྲོང་རྡལ་ལམ་ཡང་ན་རྫོང་ཚོང་དོན་ཅུད་དུ་མིང་ཐོ་འགོད་དགོས་པ་མ་ཟད་ཚོང་གཉེར་ལག་ཁྱེར་ཀྱི་པར་སློག་དང་། གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གྱི་པར་སློག ཁྲིམས་འཛིན་མི་སྣའི་ཐོབ་ཐང་ལག་ཁྱེར་གྱི་པར་སློག ཡིད་རྟོན་ཆ་འཕྲིན་གྱི་དཔྱད་ཡིག་སོགས་བསྐྱལ་ནས་ཞིབ་བཤེར་བྱེད་དགོས།

བཞི་པ། འཛད་སྤྱོད་འཛིན་ཤོག་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་ལམ་སྲོལ།

འཛད་སྤྱོད་འཛིན་ཤོག་འདི་ཚབ་འཕྲི་བྱས་ནས་སྤྱོད་པ་ལས་ཐད་ཀར་ཉོ་སྒྲུབ་བྱེད་པའམ་དངུལ་སྨར་བརྗེ་མི་རུང་། མི་རེར་སྒོར་80ལོན་ཚེ་སྒོར་20གཅོག་པའི་འཛད་སྤྱོད་འཛིན་ཤོག་1ཡོད་པ་དང་། སྒོར་100ལོན་ཚེ་སྒོར་30གཅོག་པའི་འཛད་སྤྱོད་འཛིན་ཤོག་1 ཡོད་པ། སྒོར་120ལོན་ཚེ་སྒོར་50གཅོག་པའི་འཛད་སྤྱོད་འཛིན་ཤོག་1ཡོད་པ་བཅས་ཡིན། འཛད་སྤྱོད་འཛིན་ཤོག་བརྩེགས་སྣོན་བྱས་ཆོག

ལྔ་པ། འཛད་སྤྱོད་འཛིན་ཤོག་གྱི་རྩིས་རྒྱག་པའི་དུས་ཚོད་དང་རྣམ་པ།

བྱེད་སྒོ་མཇུག་སྒྲིལ་རྗེས། ཆ་རྐྱེན་ཚང་བའི་ཁེ་ལས(མཉམ་ལས་ཁང་)དང་། ཁེར་རྐྱང་ཚོང་དུད་ཀྱིས་ཚབ་འཕྲི་བྱས་པའི་འཛད་སྤྱོད་འཛིན་ཤོག་གི་མ་ཡིག་དང་ཚོང་གཉེར་ལག་ཁྱེར་གྱི་པར་སློག ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་གི་པར་སློག གཞུང་འབྲེལ་རྩིས་ཨང་སོགས་ཀྱི་ཡིག་ཆ་ཁྱེར་ནས་རྫོང་ཚོང་དོན་ཅུད་དུ་ཐོག་མའི་ཞིབ་བཤེར་བྱེད་དགོས་པ་མ་ཟད་འཛད་སྤྱོད་འཛིན་ཤོག་གི་མ་དངུལ་དངུལ་སྤྲོད་རེའུ་མིག་འབྲི་དགོས། མཇུག་ཏུ་ཚོང་དོན་ཅུད་དང་ནོར་སྲིད་ཅུད་ནས་དངུལ་སྨར་སྤྲོད་པའི་འགན་འཁུར་རྒྱུ།

དོ་སྣང་བྱེད་དགོས་པ་ཞིག་ལ། ཁེར་རྐྱང་ཚོང་དུད་དང་། ཁེ་ལས(མཉམ་ལས་ཁང་)ཀྱིས་2022ལོའི་ཟླ་12ཚེས་20ཉིན་གྱི་སྔོན་ནས་འཛིན་ཤོག་སྐྱེལ་བའི་ལས་དོན་ལེགས་སྒྲུབ་བྱེད་དགོས། དུས་བཀག་ལས་ཡོལ་ཚེ་གཅིག་ཀྱང་ཚུར་ལེན་བྱ་རྒྱུ་མིན།

དྲུག་པ། གསལ་བཤད་བྱེད་དགོས་པའི་ནང་དོན་གཞན།

1 ཐེངས་འདིའི་བྱེད་སྒོའི་ནང་ཞུགས་མཁན་གྱི་ཁེར་རྐྱང་བཟོ་ཚོང་ཚོང་དུད་དང་། ཁེ་ལས(མཉམ་ལས་ཁང་)ཀྱིས་འདྲ་མཉམ་དང་། དྲང་གཞག ཡིད་རྟོན་བཅས་ཀྱི་རྩ་དོན་བརྩི་སྲུང་ཞུས་ནས་ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།

2 བྱེད་སྒོར་ཞུགས་པའི་ཁེ་ལས(མཉམ་ལས་ཁང་)དང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་ཀྱིས་གོ་སྐབས་དང་བསྟུན་ནས་གོང་ཚད་སྤར་བ་སོགས་ཀྱི་ཡིད་རྟོན་མེད་པའི་ཚོང་གཉེར་བྱ་རྒྱུར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་དང་། རིན་གོང་ཁ་གསལ་བཟོས་ནས་ཁྲིམས་ལྟར་ཚོང་གཉེར་བྱེད་པ་དང་། སྒྲིག་སྲོལ་ལྟར་བྲིན་ཚོང་ཏན་ཏིག་བྱས་ནས་འཛད་སྤྱོད་པར་ཁེ་ཕན་དངོས་ཐོབ་པ་བྱེད་དགོས།

3 བྱེད་སྒོར་ཞུགས་པའི་ཁེ་ལས་ཀྱིས་གལ་ཏེ་ཉོ་ཚོང་དྲང་བདེན་མི་བྱེད་པ་དང་། བྲིན་རྫུ་བྱེད་པ། དངུལ་སྨར་གཡོ་ལེན་བྱེད་པ། མགོ་སྐོར་གཏོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཚེ། གཙོ་གཉེར་ལས་ཁུངས་ལ་བྱེད་སྒོར་ཞུགས་མཁན་གྱི་ཐོབ་ཐང་མེད་པ་བཟོ་བའི་དབང་ཆ་ཡོད་པ་མ་ཟད་ཐོབ་པའི་ཁ་གསབ་ཡར་བསྡུ་དབང་ཡོད། ད་དུང་ངེད་རྫོང་གི་འཛད་སྤྱོད་བྱེད་སྒོའི་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་ཡིན།

扫一扫在手机打开当前页