山南市人民政府
今天是: 2018年9月10日 星期一
当前位置: 首页>新闻中心 > 通告公示

洛扎县第七次全国人口普查主要数据公报

2021-07-20 18:28:00 来源:洛扎县统计局

    根据《全国人口普查条例》和国务院的决定,以2020111日零时为标准时点开展了第七次全国人口普查[2],按照山南市第七次全国人口普查领导小组统一部署,我第七次全国人口普查工作在委、政府正确领导下,通过全各级政府和普查机构及全体普查员的艰苦努力、无私奉献,广大普查对象共同参与、积极配合,圆满完成了全县第七次全国人口普查的各项任务。现将山南市第七次全国人口普查领导小组办公室审核反馈的主要数据公布如下:

一、常住[3]人口

常住人口为19865人,与2010年第六次全国人口普查的18453人相比,增加1412人,增长7.65%,年平均增长率为0.74%

二、家庭户[4]人口

第七次人口普查共有家庭户6517户,家庭户人口为18440人,平均每个家庭户的人口为2.83人,比2010年第六次全国人口普查的3.790.96人。

三、性别构成

常住人口中,男性人口为10320人,占51.95%;女性人口为9545人,占48.05%。总人口性别比(以女性为100,男性对女性的比例)由2010年第六次全国人口普查的99.75上升为108.12

四、年龄构成

常住人口中,0-14岁人口为4055人,占20.41%15-59岁人口为13617人,占68.55%60岁及以上人口为2193人,占11.04%65岁及以上人口为1435人,占7.22%。与2010年第六次全国人口普查相比,0-14岁人口的比重下降0.93个百分点,15-59岁人口的比重下降1.06个百分点,60岁及以上人口的比重增长1.99个百分点,65岁及以上人口的比重增长1.33个百分点。

五、民族构成

常住人口中,藏族人口为18208人,其他少数民族人口为154人,汉族人口为1503人。与2010年第六次全国人口普查相比,藏族人口增加78人,汉族人口增加1203人,其他少数民族人口增加131人。

六、受教育程度人口

常住人口中,拥有大学(指大专以上)文化程度的人口为1921人;拥有高中(含中专)文化程度的人口为822人;拥有初中文化程度的人口为4481人;拥有小学文化程度的人口为7843人(以上各种受教育程度的人口包括各类学校的毕业生、肄业生和在校生)。与2010年第六次全国人口普查相比,每1万人中拥有大学文化程度的由363人上升为967人;拥有高中文化程度的由326人上升为414人;拥有初中文化程度的由1971上升2256人;拥有小学文化程度的由4482下降3998人。

七、城乡[5]人口

常住人口中,居住在城镇的人口为4923人,占24.78%;居住在乡村的人口为14942人,占75.22%。与2010年第六次全国人口普查相比,城镇人口增加1574人,乡村人口减少162人,城镇人口比重提高6.63个百分点。

八、地区人口

常住人口的地区分布如下:洛扎镇6195人,拉康镇2397人,扎日乡4843人,色乡2142人,生格乡2577人,边巴乡1371人,拉郊乡340人。

释:

[1]本公报中数据均为初步汇总数据。

[2]普查标准时点为2020111日零时,普查对象是普查标准时点在中华人民共和国境内的自然人以及在中华人民共和国境外但未定居的中国公民,不包括在中华人民共和国境内短期停留的境外人员。

[3]常住人口包括:居住在本乡镇街道且户口在本乡镇街道或户口待定的人;居住在本乡镇街道且离开户口登记地所在的乡镇街道半年以上的人;户口在本乡镇街道且外出不满半年或在境外工作学习的人。

[4]家庭户是指以家庭成员关系为主、居住一处共同生活的人组成的户。

[5]城镇、乡村是按国家统计局《统计上划分城乡的规定》划分的。

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་ལྟར། 2020ལོའི་ཟླ་11ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་ཀླད་ཀོར་ཚད་གཞིར་བྱས་ཏེ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་སྤེལ།[2] བོད་རང་སྐྱོང་ལྫོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་རྫོང་གི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་དེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག།  རྫོང་ཡོངས་ཀྱི་ཤང་གྲོང་རྡལསྲིད་གཞུང་དང་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས།  དེ་བཞིན་ཡོངས་ཁྱབ་ཞིབ་བཤེར་པ་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་། སྒེར་སེམས་མེད་པའི་ལེགས་སྐྱེས། རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་བཅས་ཀྱིས་ཐུན་མོངས་ཐོག་ཞུགས་པ་དང་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད། རང་རེའི་རྫོང་གི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་ཡོད། ད་ལྟ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཞིབ་བཤེར་ཟིན་ནས་ཚུར་ལན་བྱས་པའི་མི་འབོར་གཞི་གྲངས་གཙོ་བོ་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག   རྒྱུན་སྡོད་མི་འབོར།[3]

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ནི་མི་19865ཟིན་གྱི་ཡོད་པས།2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་དྲུག་པའི་མི་འབོར་18453དང་བསྡུར་ན་མི་1412མང་དུ་སོང་བ་དང་།ལོ་བཅུའི་རིང་ཁྱོན་མི་གྲངས་7.65%འཕར་ཡོད་ཅིང་། ལོ་རེའི་ཆ་སྙོམས་འཕར་ཚད་ནི་0.74%ཟིན་ཡོད་པ་བཅས་རེད།

གཉིས།    ཁྱིམ་ཚང་གི་མི་འབོར།[4]

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཁྱིམ་ཚང་ཁྱིམ་དུད་ཁྱོན་བསྡོམས་6517ཡོད་ཅིང་། ཁྱིམ་ཚང་གི་མི་འབོར་ནི་མི་18440ཡིན་པ་དང་། ཁྱིམ་ཚང་རེ་རེའི་མི་འབོར་ཆ་སྙོམས་བྱས་ན་མི་2.83ཟིན་པས། 2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་དྲུག་པའི་མི་འབོར་3.79དང་བསྡུར་ན་མི་འབོར་0.96ཉུང་དུ་སོང་ཡོད་པ་བཅས་རེད།

གསུམ།    ཕོ་མོའི་གྲུབ་ཚུལ།

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད།བུའི་མི་འབོར་10320ཟིན་ཡོད་པ་དེས་མི་འབོར་ཡོངས་ཀྱི་51.95%ཟིན་པ་དང་།བུད་མེད་མི་འབོར་9545ཟིན་ཡོད་པ་དེས་མི་འབོར་ཡོངས་ཀྱི་48.05%ཟིན་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་གྲངས་ནིབུད་མེད་མི་100ལ་ཚད་ཟིན་པའི་ཕོ་མོའི་མི་འབོར་བསྡུར་གྲངས་2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་དྲུག་པའི་99.75ནས་108.12ལ་འཕར་ཡོད་པ་བཅས་རེད།

བཞི།    ལོ་ཚད་གྲུབ་ཚུལ།

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། ལོ་0ནས་14བར་གྱི་མི་འབོར་4055ཟིན་པ་དེས་20.41%ཟིན་གྱི་ཡོད་པ་དང་། ལོ་15ནས་59བར་གྱི་མི་འབོར་ནི་13617ཟིན་པ་དང་།དེས་68.55%ཟིན་གྱི་ཡོད། ལོ་60དང་དེའི་ཡན་གྱི་མི་འབོར་2193ཟིན་པ་དང་།དེས་11.04%ཟིན་གྱི་ཡོད། ལོ་65དང་དེའི་ཡན་གྱི་མི་འབོར་1435ཟིན་པ་དང་།དེས་7.22%ཟིན་གྱི་ཡོད། 2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་དང་བསྡུར་ན། ལོ་0ནས་14བར་གྱི་མི་འབོར་གྱི་བསྡུར་གྲངས་ནི་བརྒྱ་ཆའི་བསིལ་གྲངས་0.93ཆག་པ་དང་། ལོ་15ནས་59བར་གྱི་མི་འབོར་གྱི་བསྡུར་གྲངས་ནི་བརྒྱ་ཆའི་བསིལ་གྲངས་1.06ཆག་པ། ལོ་60དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་གྲངས་ནི་བརྒྱ་ཆའི་བསིལ་གྲངས་1.99འཕར་བ། ལོ་65དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་གྲངས་ནི་བརྒྱ་ཆའི་བསིལ་གྲངས་1.33འཕར་བ་བཅས་རེད།

ལྔ།    མི་རིགས་གྲུབ་ཚུལ།

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད།བོད་རིགས་མི་འབོར་18208ཡོད་པ་དང་།རྒྱ་རིགས་མི་འབོར་1503ཟིན་པ། གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་154བཅས་ཟིན་ཡོད་པས། 2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་དང་བསྡུར་ན་བོད་རིགས་མི་འབོར་78མང་དུ་སོང་བ་དང་། རྒྱ་རིགས་མི་འབོར་1203མང་དུ་སོང་བ། གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་131མང་དུ་སོང་བ་བཅས་རེད།

དྲུག    སློབ་གསོ་མྱོང་ཚད་ཀྱི་མི་འབོར།

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། སློབ་གྲྭ་ཆེ་མོའམ་ཆེད་སྦྱོང་སློབ་ཆེན་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་1921ཡོད་པ་དང་། མཐོ་རིམ་སློབ་འབྲིང་ངམ་འབྲིང་རིམ་ཆེད་ལས་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་822ཟིན་པ།དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་4481ཡོད་པ། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ནི་7843གོང་གི་སློབ་གསོ་མྱོང་ཚད་མི་འབོར་གྱི་ཁོངས་སུ་སློབ་གྲྭ་སྣ་ཚོགས་ཀྱི་སློབ་ཐོན་སློབ་མ་དང་། ཕྱིར་ལོག་གམ་སློབ་བྱོལ་སློབ་མ། སློབ་གྲྭར་བསྐྱོད་བཞིན་པའི་སློབ་མ་བཅས་ཚུད་ཡོད།2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་དང་བསྡུར་ན། མི་ཁྲི་1རེའི་ནང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་མཁན་363ནས་མི་967བར་མང་དུ་སོང་བ་དང་། མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་མཁན་326ནས་414བར་མང་དུ་སོང་བ། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་མཁན་1971ནས་2256བར་ང་དུ་སོང་བ། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་མཁན་མི་4482ནས་མི་3998བར་ཉུང་དུ་སོང་ཡོད་པ་བཅས་རེད།

བདུན།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་གྲངས།[5]

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་མི་འབོར་4923ཡོད་པ་དེས་24.78%ཟིན་པ་དང་། གྲོང་གསེབ་ཏུ་འཚོ་སྡོད་བྱེད་མཁན་མི་འབོར་14942ཡོད་པ་དེས་75.22%ཟིན་ཡོད། 2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་དང་བསྡུར་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་1574མང་དུ་སོང་བ་དང་། གྲོང་གསེབ་ཀྱི་མི་འབོར་162ཉུང་དུ་སོང་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་བསིལ་གྲངས་6.63མཐོ་རུ་སོང་བ་བཅས་རེད།

བརྒྱད།    ས་ཁུལ་གྱི་མི་གྲངས

རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ས་ཁུལ་ཁྱབ་ཚུལ་གཤམ་གསལ་ཏེ། ལྷོ་བྲག་གྲོང་རྡལ་ལ་མི་འབོར་6195དང་། ལྷ་ཁང་གྲོང་རྡལ་ལ་མི་འབོར་2397དང་།སྲས་ཤང་ལ་མི་འབོར་2142དང་།སེང་གེ་ཤང་ལ་མི་འབོར་2577དང་།བན་པ་ཤང་ལ་མི་འབོར་1371དང་།   ལ་རྒྱབ་ཤང་ལ་མི་འབོར་340བཅས་ཟིན་ཡོད།

མཆན་འགྲེལ།

[1]སྤྱི་བསྒྲགས་འདིའི་ནང་གི་གཞི་གྲངས་ནི་སྤྱི་བསྡོམས་ཀྱི་ཐོག་མའི་གཞི་གྲངས་ཡིན།

[2]ཡོངས་ཁྱབ་ཞིབ་བཤེར་གྱི་དུས་ཚོད་ཚད་གཞི་ནི་2020ལོའི་ཟླ་11ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་ཀླད་ཀོར་ཐོག་ཡིན་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞིའི་དུས་ཚིགས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་རང་བྱུང་མི་སྣ་དང་། རྒྱལ་ཕྱི་ན་ཡོད་ཀྱང་གཞིས་ཆགས་མེད་པའི་ཀྲུང་གོའི་སྤྱི་དམངས་བཅས་རེད། འོན་ཏེ། རང་རྒྱལ་མངའ་ཁོངས་སུ་དུས་ཐུང་སྡོད་པའི་རྒྱལ་ཁོངས་ཕྱིའི་མི་སྣ་ཚུད་མེད།

[3]རྒྱུན་སྡོད་མི་འབོར་གྱི་ཁོངས་སུ།  གཅིག་ནི་ཤང་གྲོང་རྡལ་དང་དེ་གའི་སྲང་ལམ་དུ་གནས་སྡོད་བྱེད་མཁན་ཡིན་པ་མ་ཟད། ཐེམ་ཐོ་ཤང་གྲོང་རྡལ་དེ་གའི་ཁྲོམ་ལམ་མམ་ཡང་ན་ཐེམ་ཐོ་གཏན་འཁེལ་བྱ་རྒྱུར་སྒུག་པའི་མི་སྣ་དང་། གཉིས་ནི་ཤང་གྲོང་རྡལ་དེ་གའི་ཁྲོམ་གཞུང་དུ་འཚོ་སྡོད་བྱེད་པ་མ་ཟད། ཐེམ་ཐོ་ཐོ་འགོད་བྱ་ཡུལ་གྱི་ཤང་གྲོང་རྡལ་ཁྲོམ་གཞུང་དང་ཁ་བྲལ་ནས་ལོ་ཕྱེད་ཡན་སྡོད་མཁན་གྱི་མི་སྣ།  གསུམ་ནི་ཐེམ་ཐོ་ཤང་གྲོང་རྡལདེ་གའི་ཁྲོམ་ལམ་ཁོངས་གཏོགས་ཡིན་པ་གང་ཞིག། ཕྱི་ལ་ཕྱིན་ནས་ལོ་ཕྱེད་མ་སོང་བའམ་ཡང་ན་ཕྱི་རྒྱལ་དུ་ལས་ཀའམ་སློབ་སྦྱོང་བྱེད་མཁན་གྱི་མི་སྣ་བཅས་ཚུད་ཡོད།

[4]ཁྱིམ་ཚང་དུད་ཁྱིམ་ཞེས་པ་ནི་ཁྱིམ་མིའི་འབྲེལ་བ་གཙོ་བོར་བྱེད་པ་དང་། མཉམ་དུ་འཚོ་བ་སྐྱེལ་བའི་ཁྱིམ་དུད་ལ་ཟེར།

[5]གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་ནི་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་སྡོམ་རྩིས་སྟེང་གྲོང་ཁྱེར་དང་གྲོང་གསེབ་གཉིས་སུ་དབྱེ་བའི་གཏན་འབེབས་ལྟར་དབྱེ་ཡོད།


扫一扫在手机打开当前页